- Lyrics
- Album list
澤旺拉姆
-
出嫁的姑娘
Lyricist:民間 Composer:民間
ཤར་སྐྱ་རེངས་ཉི་རྩེ་རི་ལ་བརྒྱབ། རི་མཐོན་པོའི་ཁ་དོག་སྨུག་གིས་བཟུངས། རྟ་གྲོ་རྒྱ་ཞིག་ལ་སྒ་ཆས་བྱས། ང་གནས་འགྲོ་བུ་མོའི་འགྲོ་ཆས་རེད། ང་རྫ་ལམ་གོང་མ་འབུད་དུས་སུ། རོགས་ཁྱེད་ཕྱོགས་ས་ལ་ཡང་ཡང་བལྟས། ལུས་མི་དབང་གཞན་ཡུལ་འགྲོ་དགོས་ཀྱང། སེམས་མི་འགྲོ་ཁྱོད་དང་མཉམ་དུ་འདུག། སེམས་མི་འགྲོ་ཁྱོད་དང་མཉམ་དུ་འདུག། ང་སྡེ་ལམ་གོང་མ་ཐོན་དུས་ན། Find more lyrics at ※ Mojim.com མ་སྡེ་བས་རྟགས་དང་སྟོན་མོ་བསྒྲིགས། དར་དཀར་པོ་ཞིག་གི་ལམ་སྣ་འཐེན། ང་བུ་མོའི་ལས་དབང་དར་ལ་བརྗེས། ཁྱོའི་མི་ཚེའི་འདུག་རོགས་འདི་རེད་ཟེར། གཞོན་དར་མའི་ཁ་གཤིས་ཐོག་ལས་བཙན། ལུས་མི་དབང་ཁོ་དང་མཉམ་དུ་འདུག། སེམས་འགྱུར་མེད་ཁྱོད་དང་མཉམ་འགྲོ་ཡིན། སེམས་འགྱུར་མེད་ཁྱོད་དང་མཉམ་འགྲོ་ཡིན། སེམས་འགྱུར་མེད་ཁྱོད་དང་མཉམ་འགྲོ་ཡིན། སེམས་འགྱུར་མེད་ཁྱོད་དང་མཉམ་འགྲོ་ཡིན།
-
|